དཔལ་ས་སྐྱའི་འཇིག་རྟེན་ཞི་བདེ་སྨོན་ལམ་སྐབས་ ༢༧ པ།

 

དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༠༣ ཉིན་དབུས་དཔལ་ས་སྐྱའི་སྨོན་ལམ་ཐེབས་རྩ་ཁང་ནས་ཡོངས་ཁྱབ་གསལ་བསྒྲགས་གནང་དོན།

དཔལ་ས་སྐྱའི་འཇིག་རྟེ་ཞི་བདེ་སྨོན་ལམ་ཆེན་མོ་སྐབས་ཉེར་བདུན་པ་དེ་བཞིན་གནས་མཆོག་རྡོ་རྗེ་གདན་དུ་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་་ཁྱབ་བདག་དཔལ་ལྡན་བླ་མ་དམ་པ་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རིན་པོ་ཆེ་དང་། ༧སྐྱབས་མགོན་༧གོང་མ་ཁྲི་འཛིན་རིན་པོ་ཆེ་རྣམ་གཉིས་ཆེད་ཕེབས་ཀྱི་ཕྱི་ལོ་ ༢༠༡༨ ཟླ་ ༡༢ པའི་ཚེས་ ༢༥ ནས་ཉིན་གྲངས་བཅུའི་རིང་ཚོགས་རྒྱུ་ཡིན་འདུག །